སྙི་ཕྲན།

ཟླ4པའི་ཚེས8ཉིན་ནི་སྙི་ཕྲན་ཚང་གི Windows XP བཀོལ་སྤྱོད་རྒྱུད་ཁོངས(operating system)ཀྱི་ཆེས་མཐའ་མཇུག་ཉིན་མོར་རེད་འདུག་སྟེ། ཉིན་དེ་ནས་བཟུང་སྙི་ཕྲན་ཚང་གིསWindows XPརྒྱུད་ཁོངས་བདེ་འཇགས་གསར་བསྒྱུར་བྱ་མཚམས་བཞག་པས། XPརྒྱུད་ཁོངས་ཀྱི་བདེ་འཇགས་སྐྱོན་ཆ་ཡང་མི་སེལ་བས་ན། ད་དུང་ཡངXPལག་ནས་གཏོང་གིན་མེད་པ་དག་གིས་བདེ་འཇགས་ལ་གཟབ་གཟབ་གནང་དགོས་ཀྱི་འདུག